cy0207_遍知吉美旺波長壽祈願文.g2.0f

407ཀུན་མཁྱེན་འཇིགས་མེད་དབང་པོའི་ཞབས་བརྟན། 47-6-48 ༄༅། །ཀུན་མཁྱེན་འཇིགས་མེད་དབང་པོའི་ཞབས་བརྟན། ༄༅། །ཀུན་མཁྱེན་འཇིགས་མེད་དབང་པོའི་ཞབས་བརྟན།དགུང་ལོ་ང་དྲུག་པ་ཆུ་ལུག་གི་ལོ། སྐུ་བསྙུང་ནས་བླ་བྲང་གྲྭ་ཚང་གཉིས་ནས་ཞབས་བརྟན་མང་པོ་བསྒྲུབས།རབ་འབྱམས་པ་ངག་དབང་རྡོ་རྗེས་ཞབས་བརྟན་ལ་གང་འདོན་ཞུས་པས། བཟང་སྤྱོད་ཐོན་གསུང་བར་སྐུ་རིམ་གཞན་ཞིག་གསུང་དགོས་ཞུས་པས་དགོས་པ་མེད་གསུངས། དེ་ནས་རབ་འབྱམས་པས་ཁྱེད་ཀྱིས་དེ་འདྲ་མཛད་ན་མི་ཡོང་། གཞན་ཕྱོགས་པ་རྣམས་ཀྱིས་ཁྲི་ཡང་མཐར་མ་ཕྱིན་ཟེར་འོང་ལ། རྗེ་ཉིད་ལ་ལྟོས་པའི་གྲྭ་པ་འདི་ཀ་ཙམ་ཞིག་ཐུགས་ཀྱིས་བཏང་ན་དགོས་པ་ཅི་ཡོད་ཞུས་པས། འོ་ན་གདུགས་དཀར་དང་། སྒྲོལ་མ། ཤེར་སྙིང་གང་འགྲུབ་ཐོན་གསུངས་ནས་སྐུ་རིམ་དེ་རྣམས་བསྒྲུབས་ཀྱང་སྐུ་བསྙུང་དེ་རྣམས་མ་དྭངས་བར། གྲྭ་ཚང་ནས་སྡེ་པ་ཀླུ་འབུམ་རབ་འབྱམས་པ་བློ་བཟང་དོན་གྲུབ་བཏང་ནས་༸གོང་ས་རིན་པོ་ཆེར་བརྟན་བཞུགས་ཤིག་ཞུས་པ་ལ།དུས་མཐའི་སྡོམ་བརྩོན་གསུམ་ལྡན་ཚུལ་འཛིན་པ། །རང་གཞན་དོན་གཉིས་ཕུན་ཚོགས་ལ་རོལ་ཞིང་། །གནས་ལྔའི་མཁས་མཆོག་འཇམ་དབྱངས་བཞད་པ་ཁྱོད། །སེམས་ཅན་འགྲོ་ལ་ཕན་ཕྱིར་རྟག་བརྟན་ཤོག །ཅེས་གནང་བ་གྲྭ་ཚང་ལ་བཙུགས།ཞེས་ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་འབུམ། ༼ཁ༽ པ་ཤོག་གྲངས་(༥༣-བ) གསལ་བ་ལས་བྱུང་རིམ་དང་བཅས་དྲངས་པའོ།།

目錄 ཀུན་མཁྱེན་འཇིགས་མེད་དབང་པོའི་ཞབས་བརྟན།

【現代漢語翻譯】 407 全知 吉美旺波 長壽祈願文 47-6-48 全知 吉美旺波(Kunchen Jigme Wangpo,一位重要的藏傳佛教人物)長壽祈願文 全知 吉美旺波長壽祈願文。五十六歲時,在水羊年,他生病了,拉章(Bladrang,通常指寺院或高僧的住所)和僧院都做了許多長壽祈願。當饒絳巴(Rabjampa,一種學位)阿旺多吉(Ngawang Dorje)請求唸誦長壽祈願文時,他說唸誦《普賢行愿品》(Zangchö Thön)。當被要求唸誦其他儀軌時,他說不必。之後,饒絳巴說:『如果您這樣做,那不行。其他人會說您的法座最終沒有完成。而且,如果您放棄依賴您的這些僧人,那有什麼意義呢?』他說:『那麼,唸誦《白傘蓋》(Dükar)和《度母》(Drölma),以及《般若心經》(Shernying),哪個能成就就念哪個。』雖然做了這些儀軌,但他的病情並沒有好轉。僧院派遣德巴魯本(Depa Lhünbum Rabjampa)洛桑頓珠(Lobsang Döndrup)去拜見至尊 貢薩仁波切(Gongsa Rinpoche),請求長壽住世。他賜予: 『持有末世三戒律, 享受自他二利圓滿, 五明智者 蔣揚協巴(Jamyang Zhepa,通常指第一世嘉木樣·協巴)您, 爲了利益有情眾生,祈願永久住世!』 這被安放在僧院裡。以上引自全知 吉美旺波的文集(Ka),第(53-b)頁,其中清楚地記載了事情的經過。 目錄 全知 吉美旺波 長壽祈願文

【English Translation】 407 The Long Life Prayer for Kunchen Jigme Wangpo 47-6-48 The Long Life Prayer for Kunchen Jigme Wangpo The Long Life Prayer for Kunchen Jigme Wangpo. In his fifty-sixth year, the Water Sheep year, he fell ill, and both the Labrang and the monastery performed many long life prayers. When Rabjampa Ngawang Dorje requested a long life prayer to be recited, he said to recite the 'Bhödracarya Pranidhana' (Zangchö Thön). When asked to recite another ritual, he said it was not necessary. After that, Rabjampa said, 'If you do that, it won't work. Others will say that your throne was not completed in the end. And if you abandon these monks who depend on you, what's the point?' He said, 'Then recite 'White Umbrella' (Dükar) and 'Tara' (Drölma), and the 'Heart Sutra' (Shernying), whichever can be accomplished.' Although these rituals were performed, his illness did not improve. The monastery sent Depa Lhünbum Rabjampa Lobsang Döndrup to see His Holiness Gongsa Rinpoche to request a long life stay. He granted: 'Holding the three vows of the degenerate age, Enjoying the perfection of both self and others, Omniscient Jamyang Zhepa, May you remain steadfast forever for the benefit of sentient beings!' This was placed in the monastery. The above is quoted from the collected works (Ka) of Kunchen Jigme Wangpo, page (53-b), which clearly records the course of events. Table of Contents The Long Life Prayer for Kunchen Jigme Wangpo